• 本站支持IPV6

  • 登录
  • 注册
  • 无障碍

当前位置:

首页 新闻 七县动态 正文
措勤县公安局关于严厉打击赌博违法犯罪的公告
文章来源:网信措勤     发布日期:2025年11月25日 16:42    浏览:

措勤县公安局关于严厉打击赌博违法犯罪的公告


措勤县广大农牧民群众、干部职工:

为有效净化全县社会风气,维护社会治安秩序稳定,保障人民群众合法权益,根据《中华人民共和国刑法》《中华人民共和国治安管理处罚法》等法律法规,措勤县公安局决定即日起在全县范围内(包含四乡辖区)开展打击赌博违法犯罪专项行动。现将有关项公告如下:

一、严厉打击各类赌博及相关违法犯罪行为,包括但不限于:聚众赌博、网络赌博、地下赌场、利用电子设备赌博等,以及为赌博提供场所、资金、工具、交通通讯等便利条件的行为。

二、凡参与赌博违法犯罪活动的人员,自本公告发布之日起,主动到公安机关投案自首、坦白交代违法犯罪事实、积极退缴非法所得的,可依法从轻、减轻或不予处罚;拒不配合、逃避打击的,将依法从严惩处。

三、鼓励广大人民群众积极参与打击赌博专项行动,主动举报赌博违法犯罪线索。对举报线索属实、协助公安机关破获案件的,将给予适当的物资或现金奖励,并严格为举报人保密,保障举报人合法权益。对威胁、报复举报人的,将依法从重处罚。

四、举报方式

1. 举报电话:0897-2612110(措勤县公安局情报指挥中心)

2. 现场举报:措勤县公安局及各派出所

3. 微信举报:关注“平安措勤”微信公众号,通过后台留言方式举报

4. 信件举报:邮寄地址为西藏阿里地区措勤县公安局治安管理大队(邮编:859300),信封注明“赌博举报”字样

措勤警方温馨提示:赌博犯罪行为危害个人身心健康、家庭幸福和睦,败坏社会风气,影响社会治安稳定。欢迎广大群众踊跃举报,共同营造风清气正、和谐稳定的社会环境。

本公告自发布之日起施行。


措勤县公安局

2025年11月24日



རྒྱན་འཛུགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་རྒྱུའི་སྐོར་གྱི་མཚོ་ཆེན་རྫོང་སྤྱི་བདེ་ཅུས་ཀྱི་སྤྱི་བསྒྲགས།

མཚོ་ཆེན་རྫོང་གི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་ལས་བྱེད་ལས་བཟོ་པ་ཡོངས་ལ།

རྫོང་ཡོངས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་དྭངས་གཙང་ནུས་ལྡན་དང་། སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་བརྟན་ལྷིང་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བཅས་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་མཚོ་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས་དེ་རིང་ནས་བཟུང་རྫོང་ཡོངས་ཀྱི་ཁྱབ་ཁོངས(ཤང་བཞིའི་ཁོངས་གཏོགས་ཚུད་ཡོད)ནང་རྒྱན་འཛུགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། ད་ལྟ་འབྲེལ་ཡོད་དོན་ཚན་རྣམས་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ་ལྟར།

དང་པོ། རྒྱན་འཛུགས་དང་འབྲེལ་ཡོད་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་དགོས། དེའི་ནང་འདུ་འཛོམས་ཀྱི་རྒྱན་འཛུགས་དང་། དྲ་ཐོག་རྒྱན་རྩེད། ས་འོག་རྒྱན་རྩེད། གློག་རྡུལ་སྒྲིག་ཆས་བེད་སྤྱད་ཀྱི་རྒྱན་འཛུགས་སོགས་དང་། དེ་བཞིན་རྒྱན་འཛུགས་བྱ་རྒྱུར་ས་གནས་དང་། མ་རྩ། སྒྲིགས་ཆས། འགྲིམ་འགྲུལ་འཕྲིན་གཏོང་སོགས་སྟབས་བདེའི་ཆ་རྐྱེན་འདོན་སྤྲོད་བྱེད་པའི་བྱ་སྤྱོད་བཅས་ཚུད་ཡོད།

གཉིས་པ། རྒྱན་འཛུགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྒོར་ཞུགས་མཁན་མི་སུ་འདྲ་ཞིག་ཡིན་རུང་སྤྱི་བསྒྲགས་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་རང་འགུལ་ངང་སྤྱི་བདེ་ལས་ཁུངས་སུ་རང་ཉེས་རང་ལེན་ཞུས་པ་དང་། ཁྲིམས་འགལ་ཉེས་གསོག་གི་དོན་དངོས་དྲང་བདེན་རྩིས་སྤྲོད་བྱེད་པ། ཁྲིམས་འགལ་གྱི་ཐོབ་ཆ་ཧུར་ཐག་ཕྱིར་སློག་བྱས་ན། ཁྲིམས་ལྟར་ཉེས་ཆད་གུ་ཡང་དུ་གཏོང་བའམ་ཡང་ན་ཆད་གཅོད་མི་བྱེད་པ། གཞོགས་འདེགས་མི་བྱེད་པ་དང་སྒྲིག་བཤེར་ལས་གཡོལ་ཐབས་བྱེད་མཁན་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་རྒྱུ་ཡིན།

གསུམ་པ། རྒྱ་ཆེའི་མི་དམངས་མང་ཚོགས་ནས་རྒྱན་འཛུགས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ནང་ཧུར་ཐག་ཞུགས་ནས་རྒྱན་འཛུགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་རང་འགུལ་ངང་ཐེར་འདོན་བྱ་རྒྱུར་སྐུལ་མ་གཏོང་དགོས། ཐེར་འདོན་བྱས་པའི་ཁུངས་སྣེ་དོན་དངོས་ཡིན་པ་དང་སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་གྱོད་གཞི་རྩད་ཆོད་ཐུབ་ཚེ་དངོས་རྫས་སམ་དངུལ་སྨར་གྱི་བྱ་དགའ་འོས་འཚམ་སྤྲོད་རྒྱུ་མ་ཟད། ཐེར་འདོན་བྱེད་མཁན་གྱི་མི་སྒེར་གྱི་ཆ་འཕྲིན་ལ་གསང་སྲུང་ནན་པོ་བྱས་ནས་ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་ཀྱི་ཡིན། ཐེར་འདོན་བྱེད་མཁན་ལ་འཇིགས་སྐུལ་དང་འཁོན་ལན་སློག་མཁན་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་རེད།

བཞི་པ། ཐེར་འདོན་བྱེད་སྟངས།

1.ཁ་པར་ཐོག་ནས་ཐེར་འདོན་བྱེད་སྟངས་ནི། 0897-2612110(མཚོ་ཆེན་རྫོང་སྤྱི་བདེ་ཅུས་གསང་འཕྲིན་བཀོད་འདོམས་ལྟེ་གནས)

2.ས་གནས་ས་ཐོག་ཏུ་ཐེར་འདོན་བྱེད་སྟངས་ནི། མཚོ་ཆེན་རྫོང་སྤྱི་བདེ་ཅུས་དང་དེ་བཞིན་སྤྱི་བདེ་མངགས་གཏོང་ཁང་ཁག་གཅིག

3.སྐད་འཕྲིན་ཐོག་ནས་ཐེར་འདོན་བྱེད་སྟངས་ནི། “བདེ་ཐང་མཚོ་ཆེན”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་ཨང་རྟགས་ལ་དོ་ཁུར་བྱས་ཏེ་རྒྱབ་སྟེགས་ཐོག་སྐད་ཆ་བཞག་ནས་ཐེར་འདོན་བྱེད་པ།

4.འཕྲིན་ཡིག་ཐེར་འདོན་བྱེད་སྟངས་ནི། སྦྲག་སྐྱེལ་ས་གནས་ནི་བོད་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་རུ་ཆེན་(སྦྲག་སྲིད་ཨང་859300)ཡིན་པ་དང་ཡིག་སྐོག་ཐོག་ཏུ་“རྒྱན་འཛུགས་ཐེར་འདོན་བྱེད་པ”ཞེས་པའི་ཡི་གེ་འགོད་དགོས།

མཚོ་ཆེན་ཉེན་རྟོག་ཕྱོགས་ཀྱིས་ཤ་ཚའི་དྲན་སྐུལ་བྱེད་རྒྱུར། རྒྱན་འཛུགས་ཀྱི་ཉེས་གསོག་བྱ་སྤྱོད་ཀྱིས་མི་སྒེར་གྱི་ལུས་སེམས་དང་ཁྱིམ་ཚང་གི་བདེ་སྐྱིད་འཆམ་མཐུན་ལ་གནོད་པ་དང་། སྤྱི་ཚོགས་ཀྱི་དར་སྲོལ་ངན་པ་ཆགས་པ། སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ལ་ཤུགས་རྐྱེན་སོགས་ཐེབས་ཀྱི་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱིས་ཧུར་བརྩོན་ཆེན་པོས་ཐེར་འདོན་བྱས་ཏེ་ཐུན་མོང་ཐོག་སྤྱོད་ཚུལ་དྭངས་གཙང་དང་དྲང་བདེན། འཆམ་མཐུན་བརྟན་ལྷིང་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

སྤྱི་བསྒྲགས་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།



མཚོ་ཆེན་རྫོང་སྤྱི་བདེ་ཅུས་ནས།

2025ལོའི་ཟླ་11པའི་ཚེས་24ཉིན།


打印 关闭